“五一”假期临近,为切实维护节日期间全县市场价格秩序,规范经营者价格行为,保护广大消费者合法权益,营造安全放心、公平诚信的节日消费环境,桑日县市场监督管理局现就规范假期市场价格行为,向全县各经营者及相关单位发布提醒告诫函:
一、强化主体责任,坚守诚信经营底线
各经营者及相关单位要切实履行市场主体责任,严格遵守《中华人民共和国价格法》《明码标价和禁止价格欺诈规定》等法律法规,牢固树立依法经营、诚信经营理念,加强行业自律,自觉规范经营行为。要始终遵循公平、合法、诚实信用的定价原则,合理制定商品和服务价格,严禁借节日之机扰乱市场价格秩序,共同维护我县平稳有序的市场消费环境。
二、严格落实明码标价,规范价格公示行为
各经营主体要全面、严格执行明码标价制度,做到价签价目齐全、标价内容真实明确、字迹清晰、货签对位、标示醒目。开展商品销售、提供服务时,须明确标注价格、计价单位、收费标准等信息,不得在标价之外加价出售商品或者提供服务,不得收取任何未予标明的费用。通过线上平台、微信小程序等网络渠道销售商品或提供服务的,要在页面显著位置以文字、图片等形式清晰明码标价,确保价格信息公开透明。
三、聚焦重点领域,规范行业价格行为
(一)规范交通出行收费秩序。县域内客运企业、农村客运车辆等经营单位,要严格执行政府定价及既定价格标准,规范价格收费行为,不得随意加价、乱收费。
(二)规范旅游服务收费行为。县域内宾馆、酒店、民宿等住宿经营主体,要如实标明客房类型、计价方式、住宿价格、额外付费项目及收费标准,不得擅自提高客房价格,不得在消费者订单生效后单方面毁约、取消订单,严禁虚标资质、虚假宣传、虚假承诺等不正当竞争行为。
(三)规范餐饮消费价格行为。餐饮门店、小吃店、超市等食品经营单位,要在店内显著位置公示菜品、酒水、套餐等价格,主动为消费者提供清晰的消费明细清单。节日期间调整菜品、服务价格的,必须及时更新标价签、价目表,严禁事后收取未标明的费用,坚决杜绝模糊计价、变相涨价等行为。
(四)规范民生商品价格秩序。超市、菜店等经营主体,要全力保障粮油、肉禽、蔬菜、水果等民生商品供应充足,严格合理定价,不得捏造、散布涨价信息,不得哄抬价格、囤积居奇,切实维护民生商品市场价格稳定。
四、强化监管执法,严厉打击价格违法行为
“五一”假期期间,桑日县市场监督管理局将聚焦民生商品、交通出行、旅游住宿、餐饮消费等重点领域,加大市场巡查、价格检查力度,以“零容忍”态度,严厉查处擅自涨价、单方毁约、哄抬价格、价格欺诈、不按规定明码标价等各类价格违法行为。对情节严重、影响恶劣的典型案例,将依法依规公开曝光。
欢迎广大消费者和社会各界对全县经营者价格行为进行监督,若发现价格违法、违规经营行为,请妥善保存好消费凭证、订单记录、聊天记录等相关证据,及时拨打桑日县市场监督管理局联系电话0893-7312161进行投诉举报,市场监管部门将及时受理、依法核查处置。
桑日县市场监督管理局
2026年4月29日
“ལྔ་གཅིག”གུང་གསེང་རིང་གི་ཁྲོམ་རའི་རིན་གོང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་ཟངས་རི་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་དྲན་སྐུལ་ཡི་གེ
“ལྔ་གཅིག”གུང་གསེང་འཆར་ལ་ཉེ་བའི་མཚམས་འདིར།རྫོང་ཡོངས་ཀྱི་ཁྲོམ་རའི་རིན་གོང་སྒྲིག་ལམ་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་།གཉེར་སྐྱོང་པའི་རིན་གོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱས་ནས་བདེ་འཇགས་བློ་བདེ་དང་དྲང་གཞག་ཡིད་རྟོན་གྱི་འཛད་སྤྱོད་ཁོར་ཡུག་གཏོད་ཆེད།ཟངས་རི་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་གུང་གསེང་རིང་གི་ཁྲོམ་རའི་རིན་གོང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་ཐད་རྫོང་ཡོངས་ཀྱི་གཉེར་སྐྱོང་པ་དང་དེ་བཞིན་འབྲེལ་ཡོད་ཚན་པར་དྲན་སྐུལ་བསླབ་འདོམས་ཡི་གེ་གཏོང་རྒྱུ་སྟེ།
གཅིགབྱེད་པོའི་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་ཡིད་རྟོན་གཉེར་སྐྱོང་གི་མཐའ་ཚད་བརྟན་སྲུང་བྱེད་དགོས།
གཉེར་སྐྱོང་པ་དང་དེ་བཞིན་འབྲེལ་ཡོད་ཚན་པས་ཁྲོམ་རའི་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་《རིན་གོང་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང《རིན་གོང་གསལ་འགོད་དང་རིན་གོང་ཐད་མགོ་སྐོར་གཏོང་རིགས་གཏན་འགོག་བྱ་རྒྱུའི་གཏན་འབེབས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ཁྲིམས་ལྟར་གཉེར་སྐྱོང་དང་ཡིད་རྟོན་གཉེར་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་།ལས་རིགས་ཀྱི་རང་འདོམས་ལ་ཤུགས་སྣོན་བརྒྱབ་ནས་རང་རྟོགས་ངང་གཉེར་སྐྱོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས།ཐོག་མཐའ་བར་གསུམ་དུ་དྲང་གཞག་དང་།ཁྲིམས་མཐུན།ཁ་བཤད་དོན་ལ་གནས་པ་བཅས་ཀྱི་རིན་གོང་གཏན་འཁེལ་གྱི་རྩ་དོན་བརྩི་སྲུང་ཞུས་ཏེ་ཚོང་ཟོག་དང་ཞབས་ཞུའི་རིན་གོང་ལུགས་མཐུན་ངང་བཟོ་བ་དང་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་ཁྲོམ་རའི་རིན་གོང་སྒྲིག་ལམ་ཟང་ཟིང་བཟོ་རྒྱུ་གཏན་འགོག་བྱས་ཏེ་རང་རྫོང་གི་ཁྲོམ་རའི་འཛད་སྤྱོད་ཁོར་ཡུག་བརྟན་ལ་གོ་རིམ་ལྡན་པ་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས།
གཉིས།རིན་གོང་གསལ་འགོད་དོན་འཁྱོལ་ནན་པོ་བྱས་ནས་རིན་གོང་ཡོངས་བསྒྲགས་བྱ་རྒྱུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས།
གཉེར་སྐྱོང་བྱེད་པོ་ཁག་གིས་རིན་གོང་གསལ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་ནན་པོ་བྱས་ཏེ་རིན་གོང་ཁ་གསལ་དང་ཆ་ཚང་བ།རིན་གོང་གསལ་འགོད་ཀྱི་ནང་དོན་ཁ་གསལ་བ།ཡིག་གཟུགས་ཁམས་གཙང་བ།དངོས་ཟོག་དང་མིང་རྟགས་མཐུན་པ། མཚོན་བྱང་མངོན་གསལ་དོད་པ་བཅས་ཡོད་དགོས།ཚོང་ཟོག་བྲིན་ཚོང་དང་ཞབས་ཞུ་མཁོ་འདོན་བྱེད་སྐབས་ངེས་པར་དུ་རིན་གོང་དང་།རིན་རྩིས་ཚད་གཞི།རིན་བསྡུའི་ཚད་གཞི་སོགས་ཀྱི་ཆ་འཕྲིན་གསལ་པོ་འགོད་དགོས་པ་ལས་རིན་གོང་གསལ་འགོད་བྱས་མེད་པའི་ཐོག་ནས་ཚོང་ཟོག་འཚོང་བའམ་ཡང་ན་ཞབས་ཞུ་མཁོ་འདོན་བྱེད་མི་ཆོག་པ་དང་གསལ་འགོད་བྱས་མེད་པའི་འགྲོ་གྲོན་གང་ཡང་བསྡུ་མི་ཆོགདྲ་ཐོག་གི་ལས་སྟེགས་དང་སྐད་འཕྲིན་གྱི་གོ་རིམ་ཆུང་ངུ་སོགས་དྲ་རྒྱའི་ཐབས་ལམ་བརྒྱུད་ཚོང་ཟོག་བྲིན་ཚོང་བྱེད་པའམ་ཡང་ན་ཞབས་ཞུ་མཁོ་འདོན་བྱེད་པར་དྲ་ངོས་ཀྱི་མངོན་གསལ་དོད་སར་ཡི་གེ་དང་པར་རིས་སོགས་ཀྱི་རྣམ་པའི་ཐོག་ནས་རིན་གོང་གསལ་པོ་བཀོད་དེ་རིན་གོང་གི་ཆ་འཕྲིན་ཡོངས་བསྒྲགས་ཁ་གསལ་ཡོང་བའི་འགན་ལེན་བྱེད་དགོས།
གསུམ།གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ལས་རིགས་ཀྱི་རིན་གོང་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས།
(གཅིག)འགྲིམ་འགྲུལ་ཕྱིར་སྐྱོད་ཀྱི་རིན་གོང་སྒྲིག་ལམ་ཚད་ལྡན་དུ་གཏོང་དགོས།རྫོང་ཁོངས་ནང་ཁུལ་གྱི་འགྲུལ་སྐྱེལ་ཁེ་ལས་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་སོགས་གཉེར་སྐྱོང་ཚན་པས་སྲིད་གཞུང་གི་གཏན་འཁེལ་རིན་གོང་དང་གཏན་ལ་ཕབ་པའི་རིན་གོང་གི་ཚད་གཞི་ལག་བསྟར་ནན་པོ་བྱས་ཏེ་རིན་གོང་བསྡུ་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་ལས་གང་བྱུང་དུ་རིན་གོང་སྤོར་བ་དང་རིན་དངུལ་གང་བྱུང་བསྡུ་མི་ཆོག
(གཉིས)ཡུལ་སྐོར་ཞབས་ཞུའི་འགྲོ་གྲོན་བསྡུ་བའི་བྱ་སྤྱོད་ཚད་ལྡན་བཟོ་དགོས།རྫོང་ཁོངས་ནང་གི་མགྲོན་ཁང་དང་།ཨར་ཁང་།ཡུལ་མིའི་མགྲོན་ཁང་སོགས་སྡོད་ཁང་གཉེར་སྐྱོང་བྱེད་པོས་མགྲོན་ཁང་གི་རིགས་དང་།རིན་རྩིས་ཚད་གཞི།སྡོད་ཁང་གི་རིན་གོང་།གྲོན་དངུལ་འཐོལ་པ་སྤྲོད་པའི་རྣམ་གྲངས་དང་དེའི་རིན་བསྡུའི་ཚད་གཞི་བཅས་ཇི་མ་ཇི་བཞིན་གསལ་པོ་འགོད་དགོས་པ་ལས།མགྲོན་ཁང་གི་རིན་གོང་རང་དགར་མཐོ་རུ་གཏོང་མི་ཆོག་པ་དང་།འཛད་སྤྱོད་པའི་མངགས་ཐོའི་ནུས་པ་ཐོན་རྗེས་ཕྱོགས་རྐྱང་པའི་ཐོག་ནས་ཁ་ཆད་དོར་བ་དང་མངགས་ཐོ་མེད་པ་བཟོ་མི་ཆོགའོས་ཐོབ་རྫུན་བཟོ་དང་།དྲིལ་བསྒྲགས་རྫུན་མ།ཁས་ལེན་རྫུན་མ་སོགས་ཚུལ་མིན་གྱི་འགྲན་རྩོད་བྱ་སྤྱོད་གཏན་འགོག་བྱེད་དགོས།
(གསུམ)བཟའ་བཏུང་འཛད་སྤྱོད་ཀྱི་རིན་གོང་ཚད་ལྡན་བཟོ་དགོས།བཟའ་བཏུང་ཚོང་ཁང་དང་།སིལ་ཟས་ཚོང་ཁང་།སྒོ་རྩིས་ཚོང་ཁང་སོགས་བཟའ་བཅའ་གཉེར་སྐྱོང་ཚན་པས་ཚོང་ཁང་ནང་ཁུལ་གྱི་མངོན་གསལ་དོད་སར་ཚལ་རིགས་ཀྱི་སྣ་ཁ་དང་།ཨ་རག བཟའ་བཅའ་སྤེལ་མ་སོགས་ཀྱི་རིན་གོང་ཡོངས་བསྒྲགས་བྱེད་པ་དང་།རང་འགུལ་ངང་འཛད་སྤྱོད་པར་འཛད་སྤྱོད་ཀྱི་གསལ་ཐོ་ཁ་གསལ་མཁོ་འདོན་བྱེད་དགོས།དུས་ཆེན་རིང་ཚལ་གྱི་སྣ་ཁ་དང་ཞབས་ཞུའི་རིན་གོང་ལེགས་སྒྲིག་བྱེད་པར་ངེས་པར་དུ་དུས་ཐོག་ཏུ་རིན་གོང་གི་མཆན་རྟགས་དང་རིན་ཐོ་གསར་བརྗེས་བྱས་ནས་གསལ་འགོད་བྱས་མེད་པའི་འགྲོ་གྲོན་བསྡུ་རྒྱུ་གཏན་འགོག་བྱེད་པ་དང་།རིན་གོང་གསལ་པོ་མེད་པ་དང་རྣམ་པ་འགྱུར་བའི་སྒོ་ནས་རིན་གོང་སྤོར་བ་སོགས་ཀྱི་བྱ་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།
(བཞི)དམངས་འཚོའི་ཚོང་ཟོག་གི་རིན་གོང་སྒྲིག་ལམ་ཚད་ལྡན་དུ་གཏོང་དགོས།སྒོ་རྩིས་ཚོང་ཁང་དང་ཚལ་ཚོང་ཁང་སོགས་གཉེར་སྐྱོང་བྱེད་པོས་འབྲུ་སྣུམ་དང་།ཤ།བྱ་གོང་།སྔོ་ཚལ།ཤིང་འབྲས་སོགས་དམངས་འཚོའི་ཚོང་ཟོག་མཁོ་སྤྲོད་འདང་ངེས་ཐུབ་པའི་འགན་ལེན་ནུས་ལྡན་བྱེད་པ་དང་ལུགས་མཐུན་ངང་རིན་གོང་གཏན་འཁེལ་བྱེད་པ་ལས་རིན་གོང་སྤོར་བའི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ།རིན་གོང་ཧམ་སྤོར་དང་འབེལ་ཉོ་དཀོན་འཚོང་བྱེད་མི་ཆོག་པར་དམངས་འཚོའི་ཚོང་ཟོག་གི་ཁྲོམ་རའི་རིན་གོང་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
བཞི།ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས།
“ལྔ་གཅིག”ངལ་གསོའི་རིང་ཟངས་རི་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་དམངས་འཚོའི་ཚོང་ཟོག་དང་།འགྲིམ་འགྲུལ་ཕྱིར་སྐྱོད།ཡུལ་སྐོར་ཞག་སྡོད།བཟའ་བཏུང་འཛད་སྤྱོད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཁྲོམ་རར་སྐོར་ཞིབ་དང་རིན་གོང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ“ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་ནས་རང་དགར་རིན་གོང་སྤོར་བ་དང་།ཕྱོགས་གཅིག་པུས་ཁ་ཆད་མེད་པར་བཟོ་བ།རིན་གོང་ཧམ་སྤོར་བྱེད་པ།གཏན་འབེབས་ལྟར་རིན་གོང་གསལ་པོ་མི་འགོད་པ་སོགས་ཀྱི་རིན་གོང་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན།གནས་ཚུལ་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པ་བཟོས་པའི་དཔེ་མཚོན་གྱོད་དཔེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཡོངས་བསྒྲགས་བྱ་རྒྱུ་ཡིན།
རྒྱ་ཆེའི་འཛད་སྤྱོད་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྫོང་ཡོངས་ཀྱི་གཉེར་སྐྱོང་པའི་རིན་གོང་བྱ་སྤྱོད་ལ་ལྟ་སྐུལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་དང་།གལ་ཏེ་རིན་གོང་ཐད་ཁྲིམས་འགལ་དང་སྒྲིག་འགལ་ངང་གཉེར་སྐྱོང་བྱེད་པའི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ་འཛད་སྤྱོད་དཔང་འཛིན་དང་།མངགས་ཐོའི་ཟིན་ཐོ།གླེང་མོལ་ཟིན་ཐོ་སོགས་འབྲེལ་ཡོད་དཔང་རྟགས་ཉར་ཚགས་ཡག་པོ་བྱས་ཏེ་དུས་ཐོག་ཏུ་ཟངས་རི་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་འབྲེལ་གཏུག་ཁ་པར་0893-7312161ལ་ཁ་པར་བརྒྱབ་ནས་ཞུ་གཏུག་ཐེར་འདོན་བྱས་ཆོགཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པས་དུས་ཐོག་ཏུ་བདག་སྤྲོད་དང་ཁྲིམས་ལྟར་ཞིབ་དཔྱད་ཐག་གཅོད་བྱ་རྒྱུ་ཡིན།
ཟངས་རི་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད།
2026ལོའི་ཟླ་4པའི་ཚེས་29ཉིན།
