山南市人民政府
今天是: 2018年9月10日 星期一
当前位置: 首页>政务公开 > 信息公开目录
索引号: 000014349/2025-00001
文号:
发布机构: 桑日县农牧局(科技局、科学技术协会)
主题分类: 其他
组配分类: 政策解读
发文日期: 2025-07-08 04:21

桑日县持续促进农牧民增收具体措施(试行)

时间: 2025-07-08

为深入贯彻落实《西藏自治区持续促进农牧民增收的若干措施》《山南市持续促进农牧民增收若干措施(试行)》精神,全面落实市委经济工作会议、农村工作会议精神,扎实推动农牧民持续稳定增收,拓宽多元化增收渠道,实现农村居民人均可支配收入快速增长,立足县域实际,聚焦四大类收入板块,进一步细化县级执行标准与责任分工,坚持“量力而行、尽力而为,精准测算、发挥效益”原则,特制定如下具体措施。
一、提高经营性收入
(一)扶持种植大户。对连片种植青稞、油菜等作物超30亩或土地流转超50亩的农户,按每亩100元标准给予奖励,年度最高奖励5万元。【责任单位:县农业农村局、县财政局】
(二)扶持养殖大户。存栏绵(山)羊超200只、藏香猪30头、鸡2500只的本地户籍养殖场(户),按存栏量每头(只)分别奖励50元、100元、5元;畜牧副产品(牛奶、酥油、奶渣、皮毛、酸奶、蹄子)销售额达到5万元/年的养殖户,奖励2000元。【责任单位:县农业农村局、县财政局】
(三)推广优良畜种与农畜产品转化。每年举办1次县级优良畜种评比,对藏系绵(山)羊、牦牛等获奖主体奖励3000元;同步举办农畜产品展销会,组织企业、合作社与农户签订采购协议,推动产销对接。【责任单位:县农业农村局、县发展改革委(商务局)】
(四)巩固农村寄递物流体系。逐步推进村级点布设智能快件(信包)箱,推进乡镇邮政局(所)改造。引导快递企业总部加大对农村寄递网络的投资,规范农村寄递网点管理,保障网点稳定运营。统筹利用现有资金渠道或专项政策,支持农村寄递物流基础设施改造升级,降低农畜产品流通成本,助力销售增收。【责任单位:县发改委(商务局)、县交通运输局】
(五)完善农村电商经济。对年销售额超20万元的本地户籍电商主体,按销售额5%给予奖励(最高3万元),鼓励电商主体拓展农畜产品线上销售渠道。【责任单位:县发展改革委(商务局)、县财政局】
(六)推动农畜产品采购。县级机关食堂本地产品采购额不低于伙食补助的10%,鼓励职工“以购代帮”,年度采购脱贫户产品人均不低于300元,助力农畜产品销售。【责任单位:县机关事务服务中心、县农业农村局】
(七)持续发展旅游经济。对获评县级星级民宿的经营者,三星级奖励0.5万元、四星级奖励1万元,推动乡村旅游产业发展。【责任单位:县文化旅游局、县财政局】
(八)发展庭院经济。对庭院经济年收入超1万元的农户,按产值10%给予奖励(最高奖励5000元),重点支持蔬菜种植、藏鸡养殖等项目,免费提供种苗和技术培训,激活家庭增收潜力。【责任单位:县农业农村局、县财政局】
二、提高工资性收入
(九)拓展“以工代赈”与劳务就业。县级工程项目中,“以工代赈”劳务报酬比例不低于总投资的35%,一般项目(低技术含量劳务主导型项目)劳务报酬比例不低于20%。积极组织农牧民参与乡村道路修建、河道清理等项目建设,日均工资不低于120元。【责任单位:县发展改革委;配合单位:县人力资源社会保障局、市生态环境局桑日县分局、县住房城乡建设局、县交通运输局、县水利局、县农业农村局、县文化旅游局、县林草局、县能源局】
(十)全面推行零工市场促劳务增收。建设1个县级标准化零工市场,对年带动就业超50人(每人连续务工需达到3个月)的劳务经纪人奖励1万元,并免费提供技能培训,促进农牧民灵活就业。【责任单位:县人力资源社会保障局、县财政局】
(十一)跨区域务工补贴。对跨县组织化转移就业且连续务工3个月以上的农牧民,每人每年发放300元补贴(县财政承担60%,其余40%由市财政及就业扶持专项资金按比例分担),需提供劳动合同和收入证明。为提高群众参与南北山绿化工程的积极性,对跨乡镇(除桑日镇)务工人员按每天5元/人标准发放交通补贴。【责任单位:县人力资源社会保障局、县财政局】
(十二)高标准农田管护促增收。已建成高标准农田按每亩25元落实管护经费,组织农户参与设施维护,日均工资不低于100元,由县农业农村局统筹实施。【责任单位:县农业农村局、县财政局】
(十三)建设农村服务设施。科学谋划“十五五”农村幸福院建设,健全老年日间照料中心、农村幸福院运营管理机制,将运营经费纳入县财政年度预算。通过完善农村养老服务体系,释放农村劳动力,推动劳务输出规模与质量双提升,实现养老服务与劳动力资源优化双赢。【责任单位:县民政局、县财政局】
(十四)拓岗促大学生就业。统计局面向本地未就业大学生开放专职调查员岗位7个,薪资待遇共计243,910元,并缴纳五险一金、发放伙食费。同时开展技能培训提升职业竞争力,助力大学生实现稳定就业,切实提高收入。【责任单位:县人力资源社会保障局、县统计局、县财政局】
三、提高财产性收入
(十五)壮大村集体经济。村集体年收入超50万元的,按2%比例奖励管理团队(最高奖励2万元),重点支持农牧产品加工项目,增强村集体“造血”功能。【责任单位:县委组织部(驻村办)、县农业农村局、县财政局】
(十六)持续发展新型经营主体。对年带动农户超20户且户均分红超5000元的合作社,奖励2万元,发挥新型经营主体联农带农作用。【责任单位:县委组织部(驻村办)、县农业农村局、县财政局】
四、提高转移性收入
(十七)提高生态岗位补助。2025年生态岗位补助在3500元/年基础上每人每年提标100元,连续提标三年,县财政承担60%资金,其余由上级生态补偿资金补足。【责任单位:县生态环境局桑日县分局、县财政局等部门配合】
(十八)农房提质改造补贴。鼓励群众建设框架结构房屋,建筑面积200㎡及以上且抗震等级达到8级及以上的,政府补贴250元/㎡,最高本级财政补助5万元/户,改善居住条件同时减轻群众负担。【责任单位:县农业农村局、县财政局】
(十九)实行职工福利助农创收。为充分发挥工会会员福利促进地方经济发展、助力农牧民创收的作用,干部职工(会员)福利卡券围绕春节、中秋等重要节假日按季度发放,标准每人每年1800元左右,用于购买本地农牧特产(包括新鲜农牧产品、特色加工制品等)的比例不低于50%。【责任单位:县群团工作部(总工会)】
(二十)提标护路人员生活补助。充分调动护路人员工作积极性,提升道路养护质量,对68名编制内护路人员实施生活补助提标政策,在每月400元/人的基础上提标200元/人生活补助,调整后月补助标准达600元/人,补贴将依据工作考核情况,按时足额发放。【责任单位:县委政法委(护路办)、县财政局】
(二十一)股权分红促民增收。为深入贯彻国家生态文明建设战略,推进矿山废石资源化利用,赋能县域经济发展、拓宽群众增收路径,桑日县沃德投资有限公司将西藏华新新型骨料有限公司24.5%的收益分红资金,按群众入股367.5万元的占比进行二次分配,让发展红利精准惠及全体入股群众,推动生态、经济与社会效益互促共赢。【责任单位:县组织部(驻村办),桑日县沃德投资有限公司】
(二十二)落实惠民政策。落实粮食直补、农机购置补贴等各项惠民政策资金,每季度统计农牧民收入数据,纳入乡村振兴考核,确保政策落地见效。【责任单位:县农业农村局、统计局】
五、县级实施要求
(一)资金保障。各预算部门按政策需求追加预算,县财政给予足额保障,严格按照财政预算管理相关规定做好资金监管工作,确保资金按时足额到位、做到专款专用。对重大项目资金实行全过程绩效管理,提高资金使用效益。
(二)责任分工。各单位需在本措施(试行)印发后10日内制定实施细则,报县农业农村局备案。通过融媒体、乡镇公示栏、村级宣讲等多渠道宣传政策,确保群众知晓。
(三)监督考核。桑日县农业农村局(县委农村工作领导小组)牵头每月开展增收工作调度,对措施落实不力的单位通报批评,并与年度考核和乡村振兴实绩考核挂钩。同时建立政策效果评估机制,每年开展1次农牧民增收措施实施效果评估,根据评估结果动态优化调整政策。
   本《具体措施》措施试行1年,由县农业农村局(县委农村工作领导小组办公室)负责解释。



ཟངས་རི་རྫོང་གིས་ཞིང་འབྲོག་པའི་འབབ་འཕར་ལ་མུ་མཐུད་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས(ཚོད་བསྟར)

བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིགལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག(ཚོད་བསྟར)གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་ཀྱིས་ཞིང་འབྲོག་མང་ཚོགས་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་དང་། སྣ་མང་ཅན་གྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་མགྱོགས་མྱུར་འཕར་བ་བཅས་ཀྱི་ཆེད། རྫོང་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཅིང་། ཡོང་འབབ་ཡོང་ཁུངས་རིགས་ཆེ་བ་བཞིའི་ནང་དོན་ལྟར།རྫོང་རིམ་པའི་ལག་བསྟར་ཚད་གཞི་དང་འགན་འཁྲི་ཁག་བགོས་སྔར་བས་ཞིབ་ཚགས་རུ་བཏང་ནས། “འཁོས་དཔག་ལས་སྒྲུབ་དང་། གང་ཐུབ་ཅི་ཐུབ། ཚད་ལེན་ཞིབ་རྩིས། ཕན་འབྲས་དངོས་སྤེལབཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དམིགས་སུ་ཞིབ་ཕྲའི་བྱ་ཐབས་དེ་བཟོས་ཡོད།

གཅིགགཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་

(གཅིག) འདེབས་འཛུགས་དུད་ཚང་ཆེན་པོ་གསོ་སྐྱོང་བྱ་རྒྱུ།ནས་དང་པད་ཁ་སོགས་མུ་འབྲེལ་འདེབས་ཁྱོནམུའུ་30ཡན་བཏབ་པའམ་ཡང་ན་ས་ཞིང་མུའུ་50ཡན་ནང་བཤུག་བཏང་བའི་ཞིང་དུད་ལ་མུའུ་རེར་སྒོར་100ཡི་ཚད་གཞི་ལྟར་བྱ་དགའ་སྤྲོད་རྒྱུ་དང་ལོ་འཁོར་གྱི་བྱ་དགའ་མཐོ་ཤོས་སྒོར་ཁྲི་5་སྤྲོད་རྒྱུ།འགན་འཁྲིའི་ཚན་པ། རྫོང་ཞིང་ལས་གྲོང་གསེབ་ཅུད།  རྫོང་ནོར་སྲིད་ཅུད

(གཉིས)གསོ་སྤེལ་དུད་ཚང་ཆེན་པོ་གསོ་སྐྱོང་བྱ་རྒྱུ།ལག་ཡོད་ལུག་མགོ་གྲངས་200ཡན། བོད་ཕག་མགོ་གྲངས་30ཡན།བྱ་དེ་2500ཡན་བཅས་ཡོད་པའི་ཐེམ་ཁོངས་ས་གནས་དེ་གའི་གསོ་ཚགས་ར་བ(དུད་ཚང)ལ་མགོ་གྲངས་རེར་སྒོར་50དང་། སྒོར་100 སྒོར་5བཅས་སོ་སོར་བྱ་དགའ་སྤྲོད་རྒྱུ། ཕྱུགས་ལས་ཀྱི་ཞོར་ཐོན་དངོས་རྫས(འོ་མ་དང་མར། ཕྱུར་བ། པགས་པ། ཞོ། རྨིག་པ)ལོ་རེར་བྲིན་ཚོང་སྒོར་ཁྲི་5ཟིན་པ་བྱ་དགའ་སྒོར་2000སྤྲོད་རྒྱུ། འགན་འཁྲིའི་ཚན་པ། རྫོང་ཞིང་ལས་གྲོང་གསེབ་ཅུད། རྫོང་ནོར་སྲིད་ཅུད

(གསུམ)རྒྱུད་བཟང་ཕྱུགས་རིགས་དང་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་བྱེད་རྒྱུ་ཁྱབ་གདལ་གཏོང་རྒྱུལོ་ལྟར་རྫོང་རིམ་པའི་་བོད་ལུག་དང་འབྲི་གཡག་སོགས་ཀྱི་རྒྱུད་བཟང་ཕྱུགས་རྒྱུད་དཔྱད་བསྡུར་བྱེད་སྒོ་ཐེངས་1སྤེལ་ནསབྱ་དགའ་ཐོབ་པར་སྒོར་3000སྤྲོད་རྒྱུ། དུས་གཅིག་ཏུ་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་གཉེར་ནས་ཁེ་ལས་དང་མཉམ་ལས་ཁང་སྒྲིག་འཛུགས་བྱས་ཏེ་ཞིང་དུད་དང་ཉོ་སྒྲུབ་གྲོས་མཐུན་བཞག་ནས་ཐོན་ཚོང་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ། འགན་འཁྲིའི་ཚན་པ། རྫོང་ཞིང་ལས་གྲོང་གསེབ་ཅུད། རྫོང་ འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན(ཚོང་དོན་ཅུད)

(བཞི) གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་མ་ལག་སྲ་བརྟན་དུ་གཏོང་རྒྱུརིམ་བཞིན་གྲོང་ཚོ་རིམ་པའི་ས་ཚིགས་སུ་རིག་ནུས་མྱུར་སྐྱེལ(ཡིག་ཁུག)སྒམ་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་དང་།ཤང་དང་གྲོང་རྡལ་གྱི་སྦྲག་སྲིད་ཅུས(སུའོ)སྒྱུར་བཀོད་རིམ་སྤོ་བྱ་རྒྱུ།མྱུར་སྐྱེལ་ཁེ་ལས་སྤྱི་ཁྱབ་པུས་གྲོང་གསེབ་ཀྱི་སྦྲག་བསྐུར་དྲ་བར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་གྲོང་གསེབ་ཀྱི་སྦྲག་བསྐུར་དྲ་ཚིགས་དོ་དམ་ཚད་ལྡན་དུ་བཏང་ནས་དྲ་ཚིགས་བརྟན་པོའི་ངང་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱེད་དགོས།ད་ཡོད་ཀྱི་མ་དངུལ་ཐབས་ལམ་མམ་ཡང་ན་ཆེད་དོན་སྲིད་ཇུས་སྤྱི་འདོམས་བེད་སྤྱོད་བྱས་ནས་གྲོང་གསེབ་ཀྱི་སྦྲག་བསྐུར་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་ལ་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་ཐོན་རྫས་འཁོར་རྒྱུག་གི་མ་གནས་དམའ་རུ་བཏང་ནས་བྲིན་ཚོང་འབབ་འཕར་ཡོང་རྒྱུར་རམ་འདེགས་བྱེད་དགོས།འགན་འཁྲིའི་ཚན་པ།རྫོང་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན(ཚོང་དོན་ཅུད)རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད།

(ལྔ) གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་གྱི་དཔལ་འབྱོར་འཐུས་ཚང་དུ་གཏོང་རྒྱུལོར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་20ལྷག་ཙམ་ཟིན་པའི་རང་རྫོང་ཐེམ་ཁོངས་དྲ་ཐོག་ཚོང་དོན་གྱི་བྱེད་པོར་ཕྱིར་ཚོང་བྱེད་ཚད་ཀྱི་5%གཞིར་བཟུང་བྱ་དགའ(མཐོ་ཤོས་སྒོར་ཁྲི་3)སྤྲད་དེ་དྲ་ཐོག་ཚོང་དོན་གྱི་བྱེད་པོས་ཞིང་འབྲོག་ཐོན་རྫས་དྲ་ཐོག་ནས་ཕྱིར་ཚོང་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུར་སྐུལ་མ་གཏོང་རྒྱུ། འགན་འཁྲིའི་ཚན་པ། རྫོང་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན(ཚོང་དོན་ཅུད) རྫོང་ནོར་སྲིད་ཅུད།

(དྲུག)ཞིང་ཕྱུགས་ཐོན་རྫས་ཉོ་སྒྲུབ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུརྫོང་རིམ་པའི་ལས་ཁུངས་ཀྱི་ཟ་ཁང་གི་ས་གནས་དེ་གའི་ཐོན་རྫས་ཉོ་སྒྲུབ་བྱེད་ཚད་དེ་བཟའ་བཅའི་ཁ་གསབ་ཀྱི་10%ལས་མི་ཉུང་བ་བྱ་རྒྱུ།ལས་བྱེད་ལས་བཟོརཉོ་སྒྲུབ་རྣམ་པའི་རོགས་སྐྱོར་དང་ལོ་འཁོར་མོར་དབུལ་སྒྲོལ་དུད་ཚང་གི་ཐོན་རྫས་ཉོ་སྒྲུབ་བྱེད་ཚད་མི་རེར་ཆ་སྙོམས་སྒོར་300ལས་མི་ཉུང་བ་བྱས་ནས་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་ལ་རམ་འདེགས་བྱ་རྒྱུ། འགན་འཁྲིའི་སྡེ་ཚན། རྫོང་ལས་ཁུངས་ལས་དོན་ཞབས་ཞུ་ལྟེ་གནས། རྫོང་ཞིང་ལས་དང་གྲོང་གསེབ་ཅུད།

(བདུན) ཡུལ་སྐོར་དཔལ་འབྱོར་རྒྱུན་མཐུད་ངང་གོང་དུ་སྤེལ་རྒྱུརྫོང་རིམ་པའི་སྐར་རིམ་ཡུལ་མིའི་མགྲོན་ཁང་གཉེར་སྐྱོང་བྱེད་མཁན་ལ་སྐར་རིམ་གསུམ་པར་བྱ་དགའ་སྒོར་ཁྲི་0.5དང་སྐར་རིམ་བཞི་པར་བྱ་དགའ་སྒོར་ཁྲི་1སྤྲད་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། འགན་འཁྲིའི་ཚན་པ། རྫོང་རིག་གནས་ཡུལ་སྐོར་ཅུད།  རྫོང་ནོར་སྲིད་ཅུད།

(བརྒྱད།)སྒོ་རའི་དཔལ་འབྱོར་གོང་དུ་སྤེལ་རྒྱུསྒོ་རའི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་པའི་ཞིང་དུད་ལ་ཐོན་རྫས་རིན་ཐང་གི་10%གཞིར་བཟུང་བྱ་དགའ(བྱ་དགའ་མཐོ་ཤོས་སྒོར་5000)སྤྲོད་རྒྱུ་དང་སྔོ་ཚལ་འདེབས་འཛུགས་དང་བོད་བྱ་གསོ་ཚགས་སོགས་ཀྱི་རྣམ་གྲངས་ལ་གཙོ་གནད་ཐོག་རྒྱབ་སྐྱོརརིན་མེད་ངང་འདེབས་འཛུགས་དང་ལག་རྩལ་གསོ་སྦྱོང་བྱས་ནས་ཁྱིམ་ཚང་གི་འབབ་འཕར་གྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བྱ་རྒྱུ། འགན་འཁྲིའི་ཚན་པ། རྫོང་ཞིང་ལས་གྲོང་གསེབ་ཅུད། རྫོང་ནོར་སྲིད་ཅུད།

གཉིས།གླ་ཕོགས་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བ།

(དགུ)རྒུད་གསབ་ལས་སྤྲོདདང་ངལ་ལས་ལ་བརྟེན་ནས་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུརྫོང་རིམ་པའི་ལས་གྲྭའི་རྣམ་གྲངས་ཁྲོདརྒུད་གསབ་ལས་སྤྲོདཀྱི་ངལ་ལས་ཐོབ་ཆའི་བསྡུར་ཚད་དེ་སྤྱིའི་མ་འཇོག་གི་35%ལས་མི་དམའ་བ་དང་། སྤྱིར་བཏང་གི་རྣམ་གྲངས(ལག་རྩལ་འདུས་ཚད་དམའ་བའི་ངལ་ལས་གཙོ་བོའི་རྣམ་གྲངས)ཀྱི་ངལ་ལས་ཐོབ་ཆའི་བསྡུར་ཚད་དེ་20%ལས་མི་དམའ་བ། ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ནས་གྲོང་གསེབ་ཀྱི་འགྲོ་ལམ་བཟོ་སྐྲུན་དང་ཆུ་ལམ་གཙང་སེལ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཐུབ་པ་བྱ་རྒྱུ་དང་། ཉིན་རེའི་ཆ་སྙོམས་གླ་ཆ་སྒོར་120ལས་མི་ཉུང་བ་སྤྲོད་རྒྱུ། འགན་འཁྲིའི་ཚན་པ། རྫོང་འཕེལ་སྒྱུར་ཨུ་ལྷན། གཞོགས་འདེགས་ཚན་པ། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད། གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུ་ཟངས་རི་རྫོང་ཡན་ལག་ཅུད། རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད། རྫོང་ཞིང་ལས་གྲོང་གསེབ་ཅུད། རྫོང་རིག་གནས་ཡུལ་སྐོར་ཅུད། རྫོང་ནགས་ལས་རྩྭ་ཐང་ཅུད། རྫོང་ནུས་ཁུངས་ཅུད

(བཅུ)ཉིན་གླའི་ཁྲོམ་ར་ཕྱོགས་ཡོངས་ནས་ཁྱབ་གདལ་གྱིས་ངལ་ནུས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུརྫོང་རིམ་པའི་ཚད་ལྡན་ཅན་གྱི་ཉིན་གླའི་ཁྲོམ་ར་1བསྐྲུན་རྒྱུ་དང་། ལོར་ལས་ཞུགས་ཐུབཔའིངལ་ནུས་ མི་གྲངས་50(མི་རེས་བསྟུད་མར་ཟླ་3ཡན་ལས་ཞུགས་ཐུབ་པ་)ཡན་བརྒལ་བའི་སྐུལ་ཁྲིད་བྱེད་མཁན་ལ་བྱ་དགའ་སྒོར་ཁྲི་1སྤྲོད་རྒྱུ་མ་ཟད། རིན་མེད་རྩལ་ནུས་གསོ་སྦྱོང་བྱས་ནས་ཞིང་འབྲོག་པར་སྟབས་བསྟུན་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ། འགན་འཁྲིའི་ཚན་པ། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད། རྫོང་ནོར་སྲིད་ཅུད།

(བཅུ་གཅིག)ཕྱིར་ཞོར་ལས་ཕྱིན་པའི་ལས་ཞུགས་གསབ་དངུལ་སྤྲོད་རྒྱུརྫོང་ཕྱིརསྒྲིག་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་བྱས་པ་མ་ཟད་བསྟུད་མར་ཟླ་བ་གསུམ་ཡན་སོང་བའི་ཞིང་འབྲོག་པར་མི་རེར་ལོ་ལྟར་ཁ་གསབ་སྒོར་300(རྫོང་ནོར་སྲིད་ཀྱིས་60%སྤྲོད་འགན་འཁུར་རྒྱུ་དང་40%གྲོང་ཁྱེར་ནོར་སྲིད་དང་ལས་ཞུགས་རོགས་སྐྱོར་གྱི་ཆེད་དོན་མ་དངུལ་གྱིས་བསྡུར་ཚད་གཞིར་བཟུང་འགན་འཁུར་རྒྱུ) ངལ་རྩོལ་གན་རྒྱ་དང་ཡོང་འབབ་ཀྱི་དཔང་ཡིག་མཁོ་འདོན་བྱེད་དགོས། ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་ནང་མང་ཚོགས་ཞུགས་པའི་ཧུར་སེམས་ཆེ་རུ་གཏོང་ཆེད། ཤང་དང་གྲོང་རྡལ(ཟངས་རི་གྲོང་རྡལ་ཕུད)ཕྱིར་ལས་ཞུགས་བྱས་པར་ཉིན་རེར་མི་རེར་སྒོར་5ཡི་ཚད་གཞི་ལྟར་འགྲིམ་འགྲུལ་ཁ་གསབ་སྤྲོད་རྒྱུ། འགན་འཁྲིའི་ཚན་པ། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད། རྫོང་ནོར་སྲིད་ཅུད།

(བཅུ་གཉིས)ཚད་གཞི་མཐོ་བའི་ས་ཞིང་དོ་དམ་སྲུང་སྐྱོང་བྱས་ནས་འབབ་འཕར་ཡོང་བ་བྱེད་རྒྱུ

བསྐྲུནཟིན་པའི་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་རེར་སྒོར་25ལྟར་དོ་དམ་སྲུང་སྐྱོང་གི་འགྲོ་གྲོན་དོན་འཁྱོལ་བྱེདརྒྱུ། ཞིང་དུད་སྒྲིག་འཛུགས་བྱས་ནས་སྒྲིག་བཀོད་སྲུང་སྐྱོང་ནང་ཞུགས་པར་ཉིན་རེའིཆ་སྙོམས་གླ་ཆ་སྒོར་100ལས་མི་ཉུང་བ་སྤྲོད་རྒྱུ། ཞིབ་ཕྲ་རྫོང་ཞིང་ལས་གྲོང་གསེབ་ཅུཀྱིས་སྤྱི་འདོམས་ལག་བསྟར་བྱ་རྒྱུ།འགན་འཁྲིའི་ཚན་པ། རྫོང་ཞིང་ལས་གྲོང་གསེབ་ཅུད། རྫོང་ནོར་སྲིད་ཅུད།

(བཅུ་གསུམ) གྲོང་གསེབ་ཀྱི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུཚན་རིག་དང་མཐུན་པའི་སྒོ་ནསལོ་ལྔ་ཚན་བཅོ་ལྔ་པའིགྲོང་གསེབ་ཀྱི་བདེ་སྐྱིད་ཁང་བཟང་འཛུགས་སྐྲུན་འཆར་འགོད་བྱ་རྒྱུ། རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་དང་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་གཉེར་སྐྱོང་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཉེར་སྐྱོང་འགྲོ་གྲོན་དེ་རྫོང་ནོར་སྲིད་ཀྱི་ལོ་འཁོར་སྔོན་རྩིས་ནང་འཇུག་རྒྱུ། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་བེད་སྤྱོད། ངལ་ནུས་ཕྱིར་གཏོང་གི་གཞི་ཁྱོན་དང་སྤུས་ཚད་གཉིས་ཀ་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། འགན་འཁྲིའི་ལས་ཁུངས། རྫོང་དམངས་སྲིད་ཅུད། རྫོང་ནོར་སྲིད་ཅུད།

(བཅུ་བཞི)ལས་གནས་མཁོ་འདོན་གྱིས་སློབ་ཆེན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུབསྡོམས་རྩིས་ཅུད་ནས་ས་གནས་དེ་གའི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མར་ཆེད་བསྐོས་བརྟག་དཔྱད་པའི་ལས་གནས་7མཁོ་འདོན་དང་གླ་ཕོགས་ཀྱི་ཐོབ་ཐང་ཁྱོན་སྒོར་243,910ཟིན་པ་མ་ཟད། འགན་བཅོལ་ལྔ་དང་མ་དངུལ་གཅིག ཟས་རིན་བཅསསྤྲོད་རྒྱུ། དེ་དང་ཆབས་ཅིག་རྩལ་ནུས་གསོ་སྦྱོང་བྱས་ནས་ལས་རིགས་ཀྱི་འགྲན་རྩོད་འཇོན་ཐངཆེ་རུ་བཏང་སྟེ་སློབ་ཆེན་སློབ་མ་ལས་ཞུགས་བརྟན་པོ་དང་ཡོང་འབབ་མཐོ་རུ་ཏན་ཏིག་གཏོང་རྒྱུ། འགན་འཁྲིའི་ཚན་པ།རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད།རྫོང་བསྡོམས་རྩིས་ཅུད།རྫོང་ནོར་སྲིད་ཅུད

གསུམ།རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བ།

(བཅོ་ལྔ)གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུགྲོང་ཚོའི་མཉམ་སྡེབ་ཀྱི་ལོའི་ཡོང་འབབ་སྒོར་ཁྲི་50ཡན་ཟིན་པར་2%ཀྱི་བསྡུར་ཚད་ལྟར་དོ་དམ་ཚོགས་པརབྱ་དགའ་(མཐོ་ཤོས་སྒོར་ཁྲི་2)སྤྲོད་རྒྱུ་དང་། ཞིང་འབྲོག་ཐོན་རྫས་ཀྱི་ལས་སྣོན་རྣམ་གྲངས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་གྲོང་ཚོའི་མཉམ་སྡེབ་ཀྱིརང་བརྟེནནུས་པ་ཆེ་རུ་གཏོང་རྒྱུ། འགན་འཁྲིའི་ཚན་པ། རྫོང་ཨུད་རྩ་འཛུགས་པུའུ(གྲོང་ཚོར་བཅའ་སྡོད་ལས་དོན་གཞུང་ལས་ཁང་།)  རྫོང་ཞིང་ལས་གྲོང་གསེབ་ཅུད། རྫོང་ནོར་སྲིད་ཅུད

(བཅུ་དྲུག)གཉེར་སྐྱོང་བྱེད་པོ་གསར་གྲས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུལོ་རེར་ཞིང་དུད་20ཡན་ལ་སྣེ་ཁྲིད་བྱས་པ་མ་ཟད་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་སྒོར་5000ཡན་བགོས་པའི་མཉམ་ལས་ཁང་ལ་བྱ་དགའ་སྒོར་ཁྲི་2སྤྲད་དེ་གཉེར་སྐྱོང་བྱེད་པོ་གསར་པའི་ཞིང་ལས་མཉམ་འབྲེལ་དང་ཞིང་ལས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས། འགན་འཁྲིའི་ཚན་པ། རྫོང་ཨུད་རྩ་འཛུགས་པུའུ(གྲོང་ཚོར་བཅའ་སྡོད་ལས་དོན་གཞུང་ལས་ཁང་།)  རྫོང་ཞིང་ལས་གྲོང་གསེབ་ཅུད། རྫོང་ནོར་སྲིད་ཅུད། 

བཞི།སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་

(བཅུ་བདུན)སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་རོགས་དངུལ་ཇེ་མཐོར་གཏོང་རྒྱུ2025ལོར་སྣོད་བཅུད་ལས་གནས་ཀྱི་ཁ་གསབ་དེ་ལོ་རེར་སྒོར་3500ཡི་རྨང་གཞིའི་ཐོག་མི་རེར་ལོ་རེར་སྒོར་100ཡི་ཚད་གཞི་ལྟར་ལོ་གསུམ་བསྟུད་མར་མཐོ་རུ་གཏོང་རྒྱུ་དང་། རྫོང་ནོར་སྲིད་ཀྱིས་མ་དངུལ་60%ཡི་འགན་འཁུར་བ་དང་། ལྷག་མ་གོང་རིམ་གྱི་སྣོད་བཅུད་ཁ་གསབ་མ་དངུལ་ནས་འདང་ངེས་སྤྲོད་རྒྱུ། འགན་འཁྲིའི་ཚན་པ། རྫོང་སྣོད་བཅུད་ཁོར་ཡུག་ཅུད་ཟངས་རི་རྫོང་ཡན་ལག་ཅུད། རྫོང་ནོར་སྲིད་ཅུད་སོགས་སྡེ་ཚན་གྱི་གཞོགས་འདེགས་བྱེད་དགོས།

(བཅོ་བརྒྱད)  ཞིང་འབྲོག་ཁང་པའི་སྤུས་ཚད་ལེགས་སུ་བཏང་པརཁ་གསབ་སྤྲོད་རྒྱུམང་ཚོགས་ལ་ཨར་འདམ་ལྕགས་ཀྱི་སྒྲོམ་གཞིའི་ཁང་པ་རྒྱག་རྒྱུའི་སྐུལ་མ་བཏང་ནས་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་200ཡན་ཟིན་པ་མ་ཟད། ས་ཡོམ་གནོད་འགོག་རིམ་པ་8ཡན་ཟིན་པར་སྲིད་གཞུང་གིས་སྨི་ངོས་གྲུ་རེར་སྒོར་250ཁ་གསབ་བྱེད་རྒྱུ། རང་རིམ་པའི་ནོར་སྲིད་ནས་དུད་ཚང་རེར་ཁ་གསབ་མཐོ་ཤོས་སྒོར་ཁྲི་5སྤྲད་ནས་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་དུས་མཚུངས་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུ། འགན་འཁྲིའི་ཚན་པ། རྫོང་ཞིང་ལས་གྲོང་གསེབ་ཅུད།  རྫོང་ནོར་སྲིད་ཅུད།

(བཅུ་དགུ།)ལས་བྱེད་པའི་ཕན་བདེའིའགྲོ་གྲོན་གྱིས་ཞིང་པར་ཡོང་འབབ་གསོག་རོགས་བྱ་རྒྱུ།བཟོ་ཚོགས་ཀྱི་ཚོགས་མིའི་ཕན་བདེས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པའི་འབབ་འཕར་ལ་རམ་འདེགས་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ལས་བྱེད་ལས་བཟོའི(ཚོགས་མིའི་)ཕན་བདེའི་(གཱ་)འཛིན་ཤོག་སྤྱད་ནས་དཔྱིད་གསར་དུས་ཆེན་དང་ཟླ་མཆོད་དུས་ཆེན་སོགས་དུས་ཆེན་གལ་ཆེན་རིང་མི་རེར་ལོ་རེར་སྒོར་1800ཚད་གཞི་ཟིན་པ་དུས་ཚིགས་བཞི་ལ་བགོས་ནས་སྤྲད་དེ།ས་གནས་དེ་གའི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས(ཞིང་འབྲོག་ཐོན་རྫས་གསར་པ་དང་ཁྱད་ལྡན་ལས་སྣོན་ཐོན་རྫས་སོགས་ཚུད་པ)ཉོ་བའི་བསྡུར་ཚད་50%ལས་མི་དམའ་བ་བྱ་རྒྱུ། འགན་འཁྲིའི་སྡེ་ཚན། རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ(སྤྱི་ཁྱབ་བཟོ་ཚོགས)

(ཉི་ཤུ)ལམ་སྲུང་མི་སྣའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ།ལམ་སྐྱོང་བའི་ལས་ཀའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ་གཞུང་ལམ་བདག་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་ཆེད།སྒྲིག་ཁོངས་ནང་གི་ལམ་སྐྱོང་བ་68ལ་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་སྟེ།ད་ལྟའི་ཟླ་རེར་མི་རེར་སྒོར་400ཡི་རྨང་གཞིའི་ཐོག་མི་རེར་སྒོར་200ཡི་ཚད་གཞི་མཐོ་རུ་བཏང་ཏེ་ལེགས་སྒྲིག་བྱས་རྗེས་ཀྱི་ཟླ་རེའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མི་རེར་སྒོར་600ཟིན་པ་དང་།ལས་ཀའི་དཔྱད་ཞིབ་གནས་ཚུལ་གཞིར་བཟུང་དུས་ཐོག་དང་གྲངས་ཚང་ངང་སྤྲོད་རྒྱུ། གན་འཁྲིའི་ཚན་པ། རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན(ལམ་སྲུང་གཞུང་ལས་ཁང) རྫོང་ནོར་སྲིད་ཅུད། 

(ཉེར་གཅིག)  རྐང་དབང་གི་ཁེ་སྤོགས་བགོས་ནས་དམངས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་དགོསརྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་གཏེར་རིའི་རྡོ་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་དང་། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱ་ཆེད། ཟངས་རི་རྫོང་འོ་དེ་མ་འཇོག་ཚད་ཡོད་ཀུང་སིས་བོད་ལྗོངས་ཧྭ་ཤིན་རུས་རྒྱུ་གསར་པ་ཚད་ཡོད་ཀུང་སིའི་ཡོང་འབབ་24.5%ཡི་ཁེ་སྤོགས་བགོ་བཤའ་བརྒྱབ་ནས་མང་ཚོགས་ཀྱིས་མ་རྐང་ནང་ཞུགས་པའི་སྒོར་ཁྲི་367.5ཡི་ཟིན་པའི་བསྡུར་ཚད་ལྟར་བགོ་བཤའ་ཐེངས་གཉིས་པ་བརྒྱབ་སྟེ་འཕེལ་རྒྱས་ཀྱི་ཁེ་སྤོགས་གནད་སྨིན་ངང་མ་རྐང་ནང་ཞུགས་མཁན་མང་ཚོགས་ཡོངས་ལ་ཕན་པ་ཐོབ་པ་བྱས་ནས་སྣོད་བཅུད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་ཕན་ཚུན་སྐུལ་འདེད་དང་གཉིས་ཕན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲིའི་ཚན་པ། རྫོང་རྩ་འཛུགས་པུའུ(གྲོང་ཚོར་བཅའ་སྡོད་ལས་དོན་གཞུང་ལས་ཁང་།) ཟངས་རི་རྫོང་འོ་དེ་མ་འཇོག་ཚད་ཡོད་ཀུང་སི། 

(ཉེར་གཉིས)དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱ་དགོས།འབྲུ་རིགས་ཀྱི་ཐད་ཀའི་ཁ་གསབ་དང་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སོགས་དམངས་ཕན་སྲིད་ཇུས་ཀྱི་མ་དངུལ་ཁག་དོན་འཁྱོལ་བྱས་ནསདུས་ཚིགས་རེར་ཞིང་འབྲོག་པའི་ཡོང་འབབ་ཀྱི་གྲངས་གཞི་བསྡོམས་རྩིས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་དཔྱད་ཞིབ་ནང་བཅུག་ནས་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། འགན་འཁྲིའི་སྡེ་ཚན། རྫོང་ཞིང་ལས་དང་གྲོང་གསེབ་ཅུད། བསྡོམས་རྩིས་ཅུད། 

ལྔ།རྫོང་རིམ་པའི་ལག་བསྟར་བླང་བྱ

(གཅིག)མ་དངུལ་འགན་སྲུངསྔོན་རྩིས་སྡེ་ཚན་ཁག་གིས་སྲིད་ཇུས་ཀྱི་དགོས་མཁོ་གཞིར་བཟུང་སྔོན་རྩིས་ཁ་སྣོན་རྒྱག་རྒྱུ་དང་རྫོང་ནོར་སྲིད་ཀྱིས་གྲངས་ཚང་འགན་ལེན་བྱས་ཏེནོར་སྲིད་སྔོན་རྩིས་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས་མ་དངུལ་དུས་ཐོག་དང་གྲངས་ཚང་ངང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས། གལ་ཆེའི་རྣམ་གྲངས་ཀྱི་མ་དངུལ་ལ་བརྒྱུད་རིམ་ཧྲིལ་པོའི་ཕན་འབྲས་དོ་དམ་བྱས་ཏེ་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།

(གཉིས།)འགན་འཁྲི་ལས་བགོས།ཚན་པ་ཁག་གིས་བྱ་ཐབས་འདི(ཚོད་ལྟའི་ལག་བསྟར)པར་འགྲེམས་བྱས་རྗེས་ཀྱི་ཉིན་10ཡི་ནང་ལག་བསྟར་ཞིབ་སྲོལ་བཟོས་ནས་རྫོང་ཞིང་གྲོང་ཅུད་ལ་ཐོ་འགོད་ཚགས་འཇུག་བྱེད་དགོས། སྨྱན་སྦྱོར་མཉམ་འདྲེས་དང་། ཤང་དང་གྲོང་རྡལ་གྱི་ཡོངས་བསྒྲགས་སྒྲོམ། གྲོང་ཚོ་རིམ་པའི་སྒྲོག་འགྲེལ་སོགས་ཐབས་ལམ་མང་པོའི་ཐོག་ནས་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་ཤེས་པའི་འགན་ལེན་བྱ་དགོས།

(གསུམ)ལྟ་སྐུལ་དང་དཔྱད་ཞིབ།ཟངས་རི་རྫོང་ཞིང་ལས་གྲོང་གསེབ་ཅུད(རྫོང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང)ཀྱིས་སྣེ་ཁྲིད་དེ་ཟླ་རེར་འབབ་འཕར་ལས་དོན་བཀོད་གཏོང་བྱས་ནས་བྱ་ཐབས་དོན་འཁྱོལ་ཡག་པོ་མ་བྱུང་བའི་ཚན་པར་ཁྱབ་བསྒྲགས་བཏང་ནས་སྐྱོན་བརྗོད་བྱ་རྒྱུ་མ་ཟད། ལོ་འཁོར་གྱི་དཔྱད་ཞིབ་དང་གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་དངོས་ཀྱི་དཔྱད་ཞིབ་ནས་སྐར་མ་འཐེན་རྒྱུ། དེ་དང་ཆབས་ཅིག་སྲིད་ཇུས་ཀྱི་ཕན་འབྲས་དཔྱད་དཔོག་ལམ་སྲོལ་བཙུགས་ནས་ལོ་ལྟར་ཞིང་འབྲོག་པའི་འབབ་འཕར་སྲིད་ཇུས་ལག་བསྟར་བྱས་པའི་ཕན་འབྲས་དཔྱད་དཔོག་ཐེངས་1བྱས་ཏེ་དཔྱད་དཔོག་བྱས་འབྲས་ལ་གཞིགས་ནས་འགུལ་རྣམ་ལེགས་སྒྲིག་བྱ་ཐབས་ལག་བསྟར་བྱ་རྒྱུ།

  གོང་གིཞིབ་ཕྲའི་བྱ་ཐབསའདི་ཚོད་བསྟར་ལོ་གཅིག་བྱ་རྒྱུ་དང་།ནང་དོན་ལ་འགྲེལ་བཤད་རྒྱག་དབང་རྫོང་ཞིང་ལས་གྲོང་གསེབ་ཅུད(རྫོང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང)ལ་ཡོད

扫一扫在手机打开当前页